Songteksten

ཚེ་རིང་ལགས།
次仁啦
དགུང་ནམ་མཁའ་དག་པའི་དཀྱིལ་འཁོར་དུ།།
浩瀚无垠的太空
སྤྲིན་དཀར་དམར་ནམ་མཁའི་ཞལ་ཁེབས་ཡིན།།
披着彩云的面纱
ཐུགས་དགྱེས་ན་ཆར་གྱི་དངོས་གྲུབ་འཐོར།།
酝酿滋润大地雨
ཚེ་རིང་ལགས།
次仁啦
རླུང་སེར་བུ་ནམ་མཁའི་སྨོན་ལམ་ཡིན།།
空中结缘之风
ལས་ཡོད་ན་རླུང་ཁ་ཕྱོགས་གཅིག་འཁོར།།
有缘随风飘动
ལས་མེད་ན་རླུང་ཁ་ཤིན་ཏུ་ཚ།།
无缘寒风刺骨
ཚེ་རིང་ལགས།
次仁啦
དགུང་ནམ་མཁའ་དག་པའི་དཀྱིལ་འཁོར་དུ།།
在浩瀚无垠的太空
གསེར་ཉི་མ་ནམ་མཁའི་ནོར་བུ་ཡིན།།
金色太阳天空宝贝
ཐུགས་དགྱེས་ན་ནོར་བུ་བྱིན་རླབས་ཆེ།།
金色太阳光芒万丈
ཚེ་རིང་ལགས།
次仁啦
དུང་ཟླ་བ་ནམ་མཁའི་ཐུགས་བསྐྱེད་ཡིན།།
明月是天空祝福
ལས་ཡག་ན་བསམ་པ་རང་འགྲུབ་ཡིན།།
有缘心想事成
ལས་མེད་ན་སེམས་འདུན་ཤིན་ཏུ་ལྕི།།
无缘一片苦心
ཚེ་རིང་ལགས།
次仁啦
དུང་ཟླ་བ་ནམ་མཁའི་ཐུགས་བསྐྱེད་ཡིན།།
明月是天空祝福
ལས་ཡག་ན་བསམ་པ་རང་འགྲུབ་ཡིན།།
有缘心想事成
ལས་མེད་ན་སེམས་འདུན་ཤིན་ཏུ་ལྕི།།
无缘一片苦心
instagramSharePathic_arrow_out