Paroles
[Verse 1]
ཨ་སྔོན་ལྷ་རིའི་གཡས་ཤོག་ལ་།
གཡུ་འབྲུག་ལྷ་གྲལ་འགྲོག་འོད་རེད་།
བསོ་ཡ་ལ་།
ཁྲ་མོ་གླིང་གི་ས་ལ།
བསོ་ཡ་ལ་།
ལྷ་དུང་དཀར་པོའི་རྒྱང་གྲགས།
[Verse 2]
གངས་སྟོད་ལྷ་རིའི་གཡས་ཤོག་ལ་།
སེང་ཆུང་ལྷ་གྲལ་འགྲིག་འོག་རེད་།
བསོ་ཡ་ལ་།
ཁྲ་མོ་གླིང་གི་ས་ལ།
བསོ་ཡ་ལ་།
ལྷ་དུང་དཀར་པོའི་རྒྱང་གྲགས།
[Verse 3]
རྫ་སྟོད་ལྷ་རིའི་གཡས་ཤོག་ལ་།
འབྲོང་ཆུང་ལྷ་གྲལ་འགྲིག་འོག་རེད་།
བསོ་ཡ་ལ་།
ཁྲ་མོ་གླིང་གི་ས་ལ།
བསོ་ཡ་ལ་།
ལྷ་དུང་དཀར་པོའི་རྒྱང་གྲགས།
[Verse 4]
ན་སྟོད་ལྷ་རིའི་གཡས་ཤོག་ལ་།
རྐྱང་ཆུང་ལྷ་གྲལ་འགྲིག་འོག་རེད་།
བསོ་ཡ་ལ་།
ཁྲ་མོ་གླིང་གི་ས་ལ།
བསོ་ཡ་ལ་།
ལྷ་དུང་དཀར་པོའི་རྒྱང་གྲགས།
[Verse 5]
བྲོ་སྟོད་ལྷ་རིའི་གཡས་ཤོག་ལ་།
བྲོ་བ་ལྷ་གྲལ་འགྲིག་འོག་རེད་།
བསོ་ཡ་ལ་།
ཁྲ་མོ་གླིང་གི་ས་ལ།
བསོ་ཡ་ལ་།
ལྷ་དུང་དཀར་པོའི་རྒྱང་གྲགས།
[Verse 6]
བྲོ་སྟོད་ལྷ་རིའི་གཡས་ཤོག་ལ་།
བྲོ་བ་ལྷ་གྲལ་འགྲིག་འོག་རེད་།
བསོ་ཡ་ལ་།
ཁྲ་མོ་གླིང་གི་ས་ལ།
བསོ་ཡ་ལ་།
ལྷ་དུང་དཀར་པོའི་རྒྱང་གྲགས།
ལྷ་དུང་དཀར་པོའི་རྒྱང་གྲགས།
[Verse 7]
ཚོང་དཔོན་ཆུང་ཆུང་།
ཚོང་དཔོན་ཆུང་ཆུང་ནག་པོ་རྒྱ་ལ་བྱོན་པ་འདྲ་།
ཇ་ངོ་མ་ཤེས་ལོ་གསུམ་རྒྱ་ལ་གཞུགས་པ་འདྲ་།
ཇ་ངོ་མ་ཤེས་ལོ་གསུམ་རྒྱ་ལ་གཞུགས་པ་འདྲ་།
ཤེས་གཅིག་ཤེས་གཉིས་མེ་ཏོག་ལྷ་མཛེས་ཤེས་པ་འདྲ་།
བཀལ་གཅིག་བཀལ་གཉིས་ཁྱུང་དཀར་མཛོ་མོ་དཀལ་པ་འདྲ་།
བཀལ་གཅིག་བཀལ་གཉིས་ཁྱུང་དཀར་མཛོ་མོ་དཀལ་པ་འདྲ་།
ཕོག་གཅིག་ཕོག་གཉིས་ལྷ་སའི་མཐིལ་ལ་ཕོག་པ་འདྲ་།
སྐོལ་གཅིག་སྐོལ་གཉིས་ཟངས་དཀར་ནང་ལ་སྐོལ་པ་འདྲ་།
སྐོལ་གཅིག་སྐོལ་གཉིས་ཟངས་དཀར་ནང་ལ་སྐོལ་པ་འདྲ་།
མཆོད་གཅིག་མཆོད་གཉིས་སྟེང་ཕྱོགས་ལྷ་ལ་མཆོད་པ་འདྲ་།
ལྷ་ཆེན་ཚངས་པའི་དབུ་འཕང་དགུང་ལས་མཐོ་བ་འདྲ་།
ལྷ་ཆེན་ཚངས་པའི་དབུ་འཕང་དགུང་ལས་མཐོ་བ་འདྲ་།
མཆོད་གཅིག་མཆོད་གཉིས་བར་ཕྱོགས་གཉེན་ལ་མཆོད་པ་འདྲ་།
གཉེན་ཆེན་སྐུ་ལྷའི་དབུ་འཕང་དགུང་ལས་མཐོ་བ་འདྲ་།
གཉེན་ཆེན་སྐུ་ལྷའི་དབུ་འཕང་དགུང་ལས་མཐོ་བ་འདྲ་།
མཆོད་གཅིག་མཆོད་གཉིས་འོག་ཕྱོགས་ཀླུ་ལ་མཆོད་པ་འདྲ་།
ཀླུ་རྒྱལ་གཙུག་ནའི་དབུ་འཕང་དགུང་ལས་མཐོ་བ་འདྲ་།
ཀླུ་རྒྱལ་གཙུག་ནའི་དབུ་འཕང་དགུང་ལས་མཐོ་བ་འདྲ་།
Written by: 索榮民間