Paroles

བོད་ལ་འགྲོ བོད་ལ་འགྲོ
བོད་ལ་ལོག་འགྲོ བོད་ལ་འགྲོ
བོད་དབུས་གཙང་རུ་བཞི་ལ་འགྲོ
ཇོ་བོ་ཤཀྱ་མུ་ནེ་མཇལ་དུ་འགྲོ
སྐྱེ་འགྲོ་ཐར་ལམ་རྙེད་པའི་སྨོན་ལམ་ཞུ།
རི་བོ་གངས་དཀར་ཏི་སེ་མཇལ་དུ་འགྲོ
གངས་གཟི་མདངས་རྒྱས་པའི་སྨོན་ལམ་ཞུ།
བོད་ལ་འགྲོ བོད་ལ་འགྲོ
བོད་ལ་ལོག་འགྲོ བོད་ལ་འགྲོ
བོད་ཨ་མདོ་རིག་པའི་གླིང་མཇལ་དུ་འགྲོ
ཕ་མའི་སྐུ་ཚེ་བརྟན་པའི་སྨོན་ལམ་ཞུ།
རྨ་ཆེན་གངས་རི་ལ་མཇལ་དུ་འགྲོ
སྐྱིད་པའི་ཉི་མ་ཤར་བའི་སྨོན་ལམ་ཞུ།
བོད་ལ་འགྲོ བོད་ལ་འགྲོ
བོད་ལ་ལོག་འགྲོ བོད་ལ་འགྲོ
བོད་དཔའ་མཛངས་ཁམས་པའི་ཡུལ་ལ་འགྲོ
གནས་ཆེན་ཁ་བ་དཀར་པོ་མཇལ་ཁ་འགྲོ
གོ་ལ་མི་འཇིག་བསྟན་པའི་སྨོན་ལམ་ཞུ།
སྡེ་དགེ་པར་ཁང་ལ་འཇལ་དུ་འགྲོ
ཆོས་དང་རིག་གཞུང་དར་བའི་སྨོན་ལམ་ཞུ།
Written by: 洛绒德勒
instagramSharePathic_arrow_out