Paroles
འཛམ་གླིང་ཡང་རྩེའི་སྨོན་འདུན།
山宗水源送祝福
作词 多智合
作曲 佐庆丹真
演唱:谢旦& 南江秋措
男
སྐྱ་རེངས་དཀར་པོ་ཤར་ནས་ཤར་དུས།
东方升起一缕霞光
ང་འཛམ་གླིང་གི་ཡང་རྩེར་འགྲེང་ནས།
我站在世界的屋脊
འགྲོ་བ་རིགས་དྲུག་ལ།
为六道苍生
ཞོགས་གསར་ཞིག་གི་འཚམས་འདྲི་དང་པོ་བྱེད།
送去清晨的问候
女
ཉི་མ་སེར་པོ་ཤར་ནས་ཤར་དུས།
太阳冉冉升起之时
ང་འཛམ་གླིང་གི་ཡང་རྩེར་འགྲེང་ནས།
我站在世界的屋脊
སེམས་ཅན་ཐམས་ཅད་ལ།
为天下众生
ཉིན་གསར་ཞིག་གི་སྨོན་འདུན་དང་པོ་འབུལ།
送去新第一天的祝福
男
ཨ། འཛམ་གླིང་གི་ཡང་རྩེ་ན་འཁྱིལ་བའི་གཡུ་ཡི་མེ་ལོང་།
啊 遗忘在世界屋脊的玉镜
ང་ཡི་སེམས་ཀྱི་མ་ཕམ་གཡུ་མཚོ།
我心中的玛旁雍错
女
ཨ། འཛམ་གླིང་གི་ཡང་རྩེ་ནས་འཐེན་པའི་གསེར་གྱི་རྨུ་ཐག
啊 牵在世界屋脊的金线
ང་ཡི་ཟུངས་ཁྲག་རྨ་རྫ་འབྲི་ཆུ།
我的血脉三江源
合唱
ཨ། འཛམ་གླིང་གི་རྩེ་མོ་ན་ཆགས་པའི་སེམས་ཀྱི་དག་ཞིང་།
啊 坐落在世界屋脊的心灵净土
ང་ཡི་ཕ་ས་གངས་ཅན་བོད་པ།
我故乡雪域高原
ང་ཡི་ཕ་ས་འཛམ་གླིང་ཡང་རྩེ་ན་ཡོད་པས།
我的故乡在世界屋脊
འཛམ་གླིང་ཡོངས་ལ།
祈祷全世界
འཚེ་མེད་བདེ་སྐྱིད་ཡོང་བའི་སྨོན་འདུན་དང་པོ་ཞུ།
送去幸福安康的祝福
女
སྐར་ཚོགས་ཁྲ་མོ་དགུང་ནས་འཛུམ་དུས།
繁星璀璨星空之际
ང་འཛམ་གླིང་གི་ཡར་རྩེར་འགྲེང་ནས།
我站在世界的屋脊
འགྲོ་བ་རིགས་དྲུག་ལ།
为天下苍生
མཚན་མོ་འདི་ཡི་འཚམས་འདྲི་དང་པོ་བྱེད།
送去夜晚的祝福
男
ཟླ་བ་དཀར་པོ་མཁའ་ནས་ཤར་དུས།
月亮照耀大地之时
ང་འཛམ་གླིང་གི་ཡར་རྩེར་འགྲེང་ནས།
我站在世界的屋脊
སེམས་ཅན་ཐམས་ཅད་ལ།
为芸芸众生
ཟླ་འོད་འདྲ་བའི་སྨོན་འདུན་དང་པོ་འབུལ།
送去月光下的祝福
女
ཨ། འཛམ་གླིང་གི་རྩེ་མོ་ན་བཞེངས་པའི་ཤེལ་གྱི་ཕོ་བྲང་།
啊 矗立在世界屋脊的晶塔
ང་ཡི་བླ་མཁར་གངས་དཀར་ཏི་སེ།
我心中的冈底斯雪山
男
ཨ། འཛམ་གླིང་གི་ཡང་རྩེ་ནས་འབུས་པའི་དུང་གི་མཆོད་རྟེན།
啊 屹立在世界屋脊的螺塔
སྲིད་པའི་གངས་རྒན་རྨ་རྒྱལ་སྦོམ་ར།
巍峨的阿尼玛卿雪山
合唱
ཨ། འཛམ་གླིང་གི་ཡང་རྩེ་ན་བཞུགས་པའི་སེམས་ཀྱི་དག་ཞིང་།
啊 世界屋脊的心灵净土
ང་ཡི་ཕ་ས་གངས་ཅན་བོད་པ།
我故乡雪域高原
ང་ཡི་ཕ་ས་འཛམ་གླིང་ཡང་རྩེ་ན་ཡོད་པས།
我的故乡在世界屋脊
འགྲོ་བ་ཡོངས་ལ།
为天下众生
ཞི་མཐུན་བདེ་སྐྱིད་ཡོང་བའི་སྨོན་འདུན་དང་པོ་ཞུ།
送去和睦幸福的祝福
ཞི་མཐུན་བདེ་སྐྱིད་ཡོང་བའི་སྨོན་འདུན་དང་པོ་ཞུ།
送去和睦幸福的祝福
Written by: 佐庆丹真, 多智合